首页
学习
活动
专区
工具
TVP
发布
精选内容/技术社群/优惠产品,尽在小程序
立即前往

༄༅།།ལས་གྲོགས་བཟང་པོ།བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད།

དོ་འཁུར་གནང་བར་དྲིན་ཆེ།

ཤེས་བྱ་ནི་སྟོབས་ཤུགས་ཡིན།

བཀས་བཅད་ཐ་སྙད་རྒྱ་བོད་གློག་རྡུལ་ཚིག་མཛོད་འདི་བོད་ཁུལ་གྱི་རྒྱ་བོད་ལོ་ཙྰའི་ལས་རིགས་ཁྲོད་ཕྱག་ལས་གནང་མཁན་རྣམས་ཀྱིས་བོད་རང་སྐྱོངས་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་བཀས་བཅད་གནང་བའི་ཐ་སྙད་གསར་པ་རྣམས་གཅིག་འགྱུར་བེད་སྤྱོད་གཏོང་ཐུབ་ཕྱིར། རྒྱ་བོད་ཡིག་སྒྱུར་ལས་ལ་ཞེན་པའི་ཚེ་དབང་དཔལ་འབྱོར་དང་བཀྲ་ཤིས་རྣམ་རྒྱལ་གཉིས་ནས་མི་སྒེར་གྱིས་ལས་ཞོར་དུ་རིན་མེད་ངང་གསར་དུ་བཟོས་པ་ཞིག་ཡིན།

ཚིག་མཛོད་ཀྱི་ནང་དོན་གཙོ་བོ་ནི་མཉེན་ཆས་གསར་སྤེལ་མཁན་གྱིས་བོད་རང་སྐྱོངས་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་བྱས་པའི་བཀས་བཅད་ཐ་སྙད་རྣམས་རེ་རེ་བཞིན་བསྡུ་རུབ་དང་ལེགས་བསྒྲིགས་བྱས་པའི་ཐོགད་དུང་རིན་སྤུངས་ཉི་མ་དོན་གྲུབ་ལགས་ཀྱི་རྒྱའི་གཏམ་དཔེ་བོད་འགྱུར་མ༣༠༠ཙམ་བླུགས་ཡོད།གཏམ་དཔེ་དག་ནི་བོད་རང་སྐྱོང་ལྗོངས་བཀས་བཅད་ཨུ་ཡོན་ལྷན་ཁང་གི་མཁས་དབང་རྣམ་པས་ཞུ་དག་གནང་མེད་པས་ན།རྒྱ་ཆེའི་ཡིག་སྒྱུར་བ་རྣམས་ལ་དཔྱད་གཞི་ཙམ་དུ་ཕུལ་བ་ཞིག་ཡིན་པའི་དྲན་སྐུལ་ཡོད།མཉེན་ཆས་མ་ལག་འདི་བཟོས་པའི་བརྒྱུད་རིམ་ཁྲོད་ལྷ་ས་གྲོང་ཁྱེར་རྩོམ་སྒྱུར་ཅུད་རིན་སྤུངས་ཉི་མ་དོན་གྲུབ་ལགས་ནས་ཤུགས་ཆེའི་རྒྱབ་སྐྱོར་དང་མཛུབ་སྟོན་གང་མང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུའོ།

ཡིག་སྒྱུར་མཉེན་ཆས་མ་ལག་འདིར་2017ལོའི་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་མཁོ་སྤྱོད་མ་ལག་གསར་སྤེལ་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད་ལ་མཉེན་ཆས་འདིས་རྗེས་སུ་རྒྱ་བོད་ཡིག་སྒྱུར་བྱ་གཞག་ཐད་ཕན་འབྲས་དང་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུའི་རེ་བ་ཆེན་པོ་བཅངས་བཞིན་ཡོད་པ་དེའང་ལྷག་བསམ་དཀར་པོའི་ཐོག་མའི་བསམ་འདུན་ཉག་ཅིག་དེ་ཡིན།

མཉེན་ཆས་མ་ལག་ཕབ་ལེན་དྲྭ་གནས།

༡ ཨན་ཏྲོའི་ཁ་པར་ཕབ་ལེན་དྲྭ་གནས།

༼༡ ༽ གཤམ་གྱི་རྩ་གཉིས་ཨང་རིས་བཤེར་ནས་ཕབ་ལེན་ཆོག

གསལ་བཤད། གལ་སྲིད་རྩ་གཉིས་ཨང་རིས་བཤེར་ནས་ཕབ་ལེན་མ་ཐུབ་ཚེ་མུ་མཐུད་༼ 免费下载 ༽ ཞེས་པའི་རྒྱ་ཡིག་འདི་ཡུན་ཙམ་བསྣན་ནས་༼ 浏览器༽ ཞེས་པ་ཁ་ཕྱེ་རྗེས་ཐད་ཀར་ཕབ་ལེན་བྱེད་ཐུབ།

༼ ༢ ༽ དྲྭ་གནས་སྦྲེལ་ནས་ཕབ་ལེན་ཆོག

http://m.app.mi.com/word=%E6%96%B0%E6%9C%AF%E8%AF%AD#page=detail&id=455840

༢ ཀུ་ཤུའི་ཁ་པར་ཕབ་ལེན་དྲྭ་གནས།

༼ ༡ ༽ གཤམ་གྱི་རྩ་གཉིས་ཨང་རིས་བཤེར་ནས་ཕབ་ལེན་ཆོག

༼ ༢ ༽ དྲྭ་གནས་སྦྲེལ་ནས་ཕབ་ལེན་ཆོག

https://itunes.apple.com/cn/app/%E6%96%B0%E6%9C%AF%E8%AF%AD%E8%97%8F%E6%B1%89%E8%AF%8D%E5%85%B8/id1294293451?mt=8&from=singlemessage

༄༅།། དེ་ལས་ཀྱང་ཉམས་དགའ་བ་ནི། ལང་འཚོའི་རྦབ་ཆུ་རེད་འདུགདུས་རབས་ཀྱི་རྗེས་སུ་འགྲོགས་དང་བགྲོད་བཞིན་པའི་ཁྱེད་རྣམ་པས།དྭངས་གཙང་གི་འདུན་པ་དང་། ཨུ་ཚུགས་ཀྱི་གཤིས་ཀ་འཁུར་ནས།དེང་རབས་ཀྱི་ཚན་རྩལ་ལ་དཀའ་བ་སྤྱད་དེ། ངེད་ཚོའི་མི་འདང་བའི་ཆ་ཁག་རིམ་བཞིན་ཁ་སྐོང་དང་། ཞན་ཆ་ཁག་སྤོངས་བཞིན་ཡོད་པ་རེད། དེར་བརྟེན་མཉེན་ཆས་འདི་དང་དེ་འདྲ་བ་གཏོད་མཁན་དང་། གཏོད་དང་གཏོད་བཞིན་པའི་གྲོགས་པོ་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

往期经典回顾

ཡོང་ཁུངས། དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་དབང་འདུས།

རྩོམ་སྒྲིག་འགན་འཁུར་བ།བསོད་ནམས་ཕུན་ཚོགས།

ལྷ་སའི་མཐོང་སྣེ།|ལྷ་ས་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།

སྐད་འཕྲིན་སྟེགས་བུ།kanjianlasa0891

རྩ་གཉིས་ཨང་བཤེར་མནན་ནས་ང་ཚོར་དོ་སྣང་བྱེད་རོགས།

  • 发表于:
  • 原文链接http://kuaibao.qq.com/s/20180317B1ACID00?refer=cp_1026
  • 腾讯「腾讯云开发者社区」是腾讯内容开放平台帐号(企鹅号)传播渠道之一,根据《腾讯内容开放平台服务协议》转载发布内容。
  • 如有侵权,请联系 cloudcommunity@tencent.com 删除。

扫码

添加站长 进交流群

领取专属 10元无门槛券

私享最新 技术干货

扫码加入开发者社群
领券